March 2023

སྨོན་ལམ་ཐེངས་གསུམ་པ།

2023 ལོའི་ཟླ 3 ཚེས 25 ཉིན།

དེང་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་འདིར་སྙིགས་མའི་རྒུད་ཚོགས་ཆེས་ཆེར་འཕེལ་ཏེ། མིའི་རིགས་ཀྱི་བཟང་སྤྱོད་དང་གོམས་གཤིས་སོགས་ཉམས་རྒུད་དུ་འགྲོ་བཞིན་པའི་དུས་འདིར། རླབས་ཆེན་བསོད་ནམས་ཀྱི་ནུས་པ་གོང་མཐོར་སྤེལ་སླད་དང་། བྱམས་བརྩེ་དང་ཤེས་རབ་ཀྱི་འབྱུང་གནས་སུ་གྱུར་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་དེ་འཛིན་གྱི་སྐྱེ་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་པ། འཛམ་གླིང་སྤྱི་དང་ཡང་སྒོས་རང་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་དེར། དེ་ལས་མང་