སྨོན་ལམ།

དང་པོ། དབུས་ས་སྐྱ་སྨོན་ལམ་ཚོགས་པའི་བྱུང་བ།  
  
དུས་འགྱུར་མ་བྱུང་སྔོན་ནས་བོད་དུ་ས་སྐྱ་སྨོན་ལམ་ཟེར་བ་ཟུར་དུ་ཚོགས་དར་ཡོད་མེད་མ་ངེས་ཀྱང་། བཙན་བྱོལ་ནང་དུ་ས་སྐྱ་སྨོན་ལམ་ཐོག་མ་སྐྱབས་མཆོག་དར་ཐང་མཆོག་སྤྲུལ་རིན་པོ་ཆེའི་བདག་རྐྱེན་དང་། དཔལ་ས་སྐྱའི་བསྟན་བདག་བླ་ཆེན་རྣམ་པའི་དགོངས་བཞེད་ལྟར་ཕྱི་ལོ་ ༡༩༩༣ ཟླ་བ་ ༣ ཚེས་ ༡ ནས་ ༡༥ ་བར་སྟོན་པ་སྐུ་བལྟམས་པའི་གནས་མཆོག་ལུམྦི་ནིར་ཚུགས་པ་དང། དེ་ནས་རིམ་བཞིན་སྨོན་ལམ་ཚོགས་པ་དེ་བཞིན་ས་གནས་རྒྱ་གར་གཞུང་ལ་དངོས་སུ་དེབ་སྐྱེལ་བྱས་པ་དང་། མུ་མཐུད་ས་སྐྱའི་མ་དགོན་ཁག་རེས་མོས་ཀྱིས་སྨོན་ལམ་གོ་སྒྲིག་ཀྱི་ལས་འཁུར་ཞུས་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༢ ལོར་འགན་འཛིན་ལྷན་ཚོགས་གསར་འཛུགས་དང། ཕྱི་ལོ་ ༢༠༡༣ ལོར་རྒྱུན་ལས་གསར་པ་དངོས་སུ་འདེམས་བསྐོ་གནང་ནས་ད་ལྟའི་ཆར་རྒྱུན་ལས་རིམ་བྱོན་གྱིས་ཕྱོགས་ཡོངས་ནས་སྔར་ལྷག་མདུན་བསྐྱོད་བྱེད་བཞིན་པ་དེ་ལགས་སོ།།               
དབུས་སྨོན་ལམ་ཚོགས་པའི་དྲ་རྒྱ།  http://www.sakyamonlam.org    

གཉིས་པ། བྱང་ཨ་རིའི་ས་སྐྱ་སྨོན་ལམ་ཚོགས་པའི་བྱུང་བ།   
 
ཕྱི་ལོ་ ༢༠༡༧ ཟླ་བ་༩ ཚེས་༢༡ ཉིན་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐུགས་རྗེས་གཟིགས་པ་ཆེན་དབུ་འབྱེད་བཀའ་དྲིན་བསྐྱངས་པའི་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་པས་ད་བར་སྨོན་ལམ་དང་འབྲེལ་བའི་ལས་དོན་ཁག་ལྷག་བསམ་གཙང་མས་སྒྲུབ་བཞིན་པ་མ་ཚད། བོད་ཕྱི་ནང་གི་སྐྱེ་འགྲོ་མང་པོའི་བསོད་ནམས་བསགས་པའི་ཞིང་མཆོག་ཏུ་དར་ཞིང་རྒྱས་བཞིན་པའོ།།               
བྱང་ཨ་རི་ས་སྐྱ་སྨོན་ལམ་ཚོགས་པའི་དྲ་རྒྱ།  http://sakyamonlamnorthamerica.org

གསུམ་པ། ཡུ་རོབ་ས་སྐྱ་སྨོན་ལམ་ཚོགས་པའི་བྱུང་བ།

ཡུ་རོབ་ཕྱོགས་ཀྱི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་བརྩེ་ཆེན་ཚོགས་པ་ཁག་དང་། ཆོས་ཚོགས་རྣམས་ཀྱི་དབར་གོ་སྡུར་རིམ་པ་བྱུང་མཐར་དབུས་སྨོན་ལམ་ཚོགས་པ་རྒྱུད་ནས་སྙན་སེང་ཞུས་དོན་བཞིན། ངེས་དོན་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་རྨད་དུ་བྱུང་བའི་ཐུགས་རྗེ་དང་འཕྲིན་ལས་ཀྱི་བདག་ཉིད་དང་། ངེད་ཅག་སྐལ་ལྡན་ཁྱུ་གཅིག་གི་བསོད་ནམས་ཀྱི་སྟོབས་ལས་ཕྱི་ལོ་ ༢༠༡༨ ལོར་དབུས་བརྙེས་ཤིང་། ད་ལྟའི་ཆར་ཕྱི་ལོ་ ༢༠༡༩ ལོའི་སྐབས་དང་པོའི་ཡུ་རོབ་ས་སྐྱ་སྨོན་ལམ་ཆེན་མོ་གོ་སྒྲིག་ཐད་ཀྱི་ལས་དོན་སྒྲུབ་བཞིན་པ་བཅས་སོ།།