ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་གཉིས་པ།

༄༅། ། བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་སྡེ་ཁག་གི་དབུས་ཕྱོགས་དང་རིས་སུ་མ་མཆིས་པའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ།

ཆེད་གསོལ།

   དེང་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་འདིར་སྙིགས་མའི་རྒུད་ཚོགས་ཆེས་ཆེར་འཕེལ་ཏེ། མིའི་རིགས་ཀྱི་བཟང་སྤྱོད་དང་གོམས་གཤིས་སོགས་ཉམས་རྒུད་དུ་འགྲོ་བཞིན་པའི་དུས་འདིར། རླབས་ཆེན་བསོད་ནམས་ཀྱི་ནུས་པ་གོང་མཐོར་སྤེལ་སླད་དང་། བྱམས་བརྩེ་དང་ཤེས་རབ་ཀྱི་འབྱུང་གནས་སུ་གྱུར་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་དེ་འཛིན་གྱི་སྐྱེ་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་པ། འཛམ་གླིང་སྤྱི་དང་ཡང་སྒོས་རང་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་དེར། མི་འདོད་པའི་རྒུད་ཚོགས་མཐའ་དག་རང་སར་ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གྱི་ཉི་གཞོན་གསར་པ་མྱུར་དུ་འཆར་བ་སོགས་ཀྱི་ཆེད་དུ་དམིགས་ནས། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༣༡ ནས་ ཟླ་ ༠༨ ཚེས་ ༠༢ བར་རིས་མེད་བསྟན་པའི་བདག་པོ། དུས་གསུམ་རྒྱལ་བའི་རང་གཟུགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་དགེ་འདུན་འདུས་པ་རྒྱ་མཚོ་དབུ་བཞུགས་ཐོག་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིར་འཚོགས་རྒྱུ་ཡིན་པས།རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་སྤྱི་དང་། དད་ལྡན་གང་ན་སུ་བཞུགས་རྣམས་དུས་དེར་ཆོས་ཚོགས་སུ་ཕེབས་ཐུབ་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས། 

ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས།

ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༥ ལའོ།

NOTICE

This is to inform all dharma brothers and sisters about the date of the 2nd Annual European Sakya Monlam for peace and harmony. This will be going held for three days from 31 July – 02 August 2020 in Paris, France in presence of His Holiness Sakya Gongma Trichen and their Eminences. The Venue  and the program schedule are in progress.

From the Office of the European Sakya Monlam Foundation VzW.

མ་ཡིག་ལ་གཟིགས། སྨོན་ལམ་ཐེངས་གཉིས་པའི་གསལ་བསྒྲགས།

2 མཆན། ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་གཉིས་པ།

  1. please i would like to register for the Skya Monlam 2020 in Paris for 2 people.

    Thank you very much.

དཔྱད་མཆན་སྤེལ།

Your email address will not be published.