རྩིས་ཁྲ། ༢༠༡༩

༄༅། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོའི་བྱུང་སོང་ལྷག་གསུམ་གྱི་བསྡོམས་རྩིས་དང་གསལ་བཤད།

         རིས་མེད་བསྟན་པའི་བདག་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་བཞིན་ཐོག་མཐའ་བར་གསུམ་ནས་ཚང་མ་དགའ་སྤོབས་གནང་འོས་པ་ཞིག་ལེགས་འགྲུབ་བྱུང་ཡོད་པ་ནི།        གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རཏྞ་བཛྲ་རིན་པོ་ཆེ་མཆོག ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་རྣམ་གསུམ་གྱི་དབུས་བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་ཀྱི་ཐུགས་རྗེའི་བྱིན་མཐུ་དང་། དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་སྐབ་གཉིས་པའི་འགོ་ལས་ཡོངས་ཀྱི་ལྷག་བསམ་དང་འབད་བརྩོན། ཡུ་རོབ་ཁུལ་གྱི་རང་ལུགས་ཆོས་ཚོགས་ཁག་དང་བརྩེ་ཆེན་ཚོགས་པ་བཅས་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ།         དེ་བཞིན་ཏུ་ཐེངས་འདིའི་སྨོན་ལམ་ལ་དཔལ་འབྱོར་གྱི་རོགས་རམ་གནང་མཁན་གཏོང་ཕོད་ཆེ་བའི་སྦྱི་བདག་རྣམ་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།        

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༡ ཉིན་སྨོན་ལམ་ལེགས་གྲུབ་ཀྱི་དགོང་མོར་དམངས་ལ་གསལ་བསྒྲགས་ཞུ་དོན་བཞིན་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲའི་བསྡོམས་ཞུ་རྒྱུ་གཤམ་གསལ།

ཨང་། གནད་དོན། བསྡོམས་འབོར།
བྱུང་བ། ༡ˌ༠༤ˌ༤༩༤ˌ༡༤
སོང་བ། ༥༧ˌ༡༤༧ˌ༨༩
ལྷག་ཡོད། ༤༧ˌ༣༤༦ˌ༠༤

གོང་གསལ་ལྷག་དངུལ་རྣམས་དབུས་སྨོན་ལམ་ཚོགས་པའི་རྩ་འཛིན་ལམ་སྟོན་དང་སྒྲིག་གཞིའི་དགོངས་དོན་ཇི་བཞིན་གནད་སྨིན་དོན་ཐོག་ཁོ་ནར་གཏོང་གནང་རྒྱུ་གཏན་འཁེལ་ཡོད།

ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས།

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༢ ལའོ།།

མ་རྩིས་མདོར་བསྡུས་ལ་གཟིགས་ན། རྩིས་ཁྲ།. ༢༠༡༩pdf

དཔྱད་མཆན་སྤེལ།

Your email address will not be published.