དྲ་ཐོག་གི་རྒྱུན་ལས་ཚོགས་འདུ།

     ཕྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༢༧ ཉིན་དྲ་ཐོག་ཏུ་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་རྒྱུན་ལས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད། དེ་ཡང་འདི་ལོར་ནད་ཡམས་ཀྱི་རྐྱེན་པས་སྨོན་ལམ་གོ་སྒྲིག་ཞུ་མ་ཐུབ་ཀྱང་ཕྱི་ལོ་ ༢༠༢༡ ལོར་སྔར་རྒྱུན་བཞིན་སྨོན་ལམ་ཚོགས་ཐུབ་པའི་རེ་བ་དང་བཅས་དེ་རིང་གི་ཚོགས་འདུ་དེ་ཡང་གཙོ་བོ་ཐེངས་རྗེས་མའི་སྨོན་ལམ་གོ་སྒྲིག་ཞུ་ཕྱོགས་དང་། དེ་བཞིན་ཚོགས་པའི་དཔལ་འབྱོར་གྱི་གནད་དོན་རེ་འགའི་ཐད་དྲ་ཐོག་ནས་ཆུ་ཚོད་གསུམ་གྱི་ཡུན་ལ་གོ་སྡུར་རིམ་པ་བྱས་ཡོད། ད་ལྟའི་འཆར་ཐེངས་རྗེས་མའི་སྨོན་ལམ་ཚོགས་གནས་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་ནང་གི་གྲོང་ཁྱེར་པཱ་རི་སི་རང་ལ་གཏན་ཁེལ་ཡོད། དྲ་ཐོག་གི་ཚོགས་འདུ་དེར་ས་གནས་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་བསོད་བུ་ལགས་དང་བྱམས་པ་ཆོས་གྲགས་ལགས་གཉིས་མ་གཏོགས་ཆ་ཚང་མཉམ་ཞུགས་གནང་ཐུབ་ཡོད། 

དཔྱད་མཆན་སྤེལ།

Your email address will not be published.